(རྩོམ་ཡིག་ཆ་ཚང་སྤེལ་བར་མནན་ན་རྒྱ་ཡིག་གི་ལོ་ཙཱ་ཡོད།) (点开全文有汉语翻译) སྲོག་སྐྱོབ་ཀྱི་རེ་འབོད། བྱམས་དང་སྙིང་རྗེ་ཆེ་བའི་གཉེན་ཉེ་དང་གྲོགས་པོ་གཙོས་རྒྱ་ཆེ་མི་མང་ཡོངས་ལ་ཡིད་སྐྱོ་བའི་རེ་འབོད་ཞུ་རྒྱུ། ངའི་ཁྱིམ་ཚང་ནི་མཚོ་སྔོན་ཞིང་ཆེན་རྫ་སྟོད་རྫོང་ལྕི་སྟོད་ཤང་བར་མ་གྲོང་ཚོའི་རུ་ཁག་བཞི་པ་ནས་ཡིན། ནང་མི་ཁྱོན་མི་ལྔ་ཡོད་ཀྱང་ད་ཆ་གཉེན་ཉེ་གསུམ་ལ་གཅིག་རྗེས་གཉིས་མཐུད་ངང་ནད་གཞི་ལྕི་མོ་ཕོག་ནས་སྨན་ཁང་དུ་བཞག་ཡོད། ལོ་54ལ་སླེབས་པའི་བཙུན་མ་ཨ་ནེ་ངང་དབང་དཔལ་མོ་ཐོག་མར་ལོ་ཕྱེད་གོང་སྐྲན་ནད་ཕོག་པ་ཤེས་རྟོགས་བྱུང་བ་དང་། དེ་རྗེས་མཚོ་སྔོན་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་དང་སི་ཁྲོན་ཧྭ་ཤིས་སྨན་ཁང་དུ་རྫས་འགྱུར་སྨན་བཅོས་དང་ལེན་བྱེད་ཀྱི་ཡོད། དུས་ཡུན་ཟླ་བ་འགའི་རིང་ལ་འབྲས་སྐྲན་འགོག་པའི་སྨན་བཅོས་བྱས་པ་དེས་ཁྱིམ་གྱི་གསོག་དངུལ་ཡོད་ཚད་བཏང་ནས་ཟད་ཚར་བ་མ་ཟད།དེ་ནས་གློ་བོར་དུ་ངའི་ཨ་ཕ་ཆོས་དར་ན་རྒྱུ་ཇེ་སྡུག་ཏུ་སོང་། ད་ལོ་ལོ་48ལ་སླེབས། ཉེ་ཆར་མཚོན་སྔོན་དུ་བརྟགས་དཔྱད་བྱས་པས་དེར་མདོག་རྒྱུ་ནག་པོའི་སྐྲན་ནག་(འབྲས་སྐྲན་གྱི་དུས་མཇུག་)ཡིན་པའི་ངོས་འཛིན་བྱས་ཡོད། ད་ཆ་འབྲས་སྐྲན་གྱི་ཕྲ་ཕུང་ཕྱོགས་ཡོངས་ནས་ཁྱབ་ཡོད་པས་གཤགས་བཅོས་བྱེད་ཐབས་མེད་པས། གཉེན་ཉེ་དང་གྲོགས་པོ་བཅས་ནས་སྒོར་མོ་སྐྱི་གཡར་བྱས་ཏེ་འགྲོ་སོང་ཆེ་བའི་ཉིན་རེའི་སྨན་ཡོན་ལ་བརྟེན་ནས་ཚེ་སྲོག་རྒྱུན་སྐྱོང་བྱེད་བཞིན་ཡོད། ད་དུང་ཟླ་4ཚེས་6ཉིན་ལོ་56ལ་སླེབས་པའི་ངའི་ཨ་མ་རིན་ཆོས། ནད་པ་གཉིས་ཀྱི་སྐྱོ་སྡུག་གིས་གློ་བུར་དུ་ཀླད་ཁྲག་ཐོན་ནས་གནས་ཚུལ་ཧ་ཅང་ཛ་དྲག་ཏུ་གྱུར་པས་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དུ་མྱུར་སྐྱོབ་བྱེད་པར་བསྐྱལ་ནས། མགོ་འབྱེད་གཤགས་བཅོས་བྱས་ཀྱང་ད་བར་ནད་གཞི་ལྕི་བའི་མྱུར་སྐྱོབ་ཁང་དུ་ཚེ་སྲོག་གི་ཉེན་ཁ་ལས་ཐར་ཐུབ་མེད།ད་ལྟ་ཁྱིམ་མི་གསུམ་དུས་གཅིག་ལ་ནད་ཁྲིའི་སྟེང་དུ་ཉལ་ནས་སྨན་བཅོས་བྱེད་པའི་དཀའ་ལས་དང་སྡུག་བསྔལ་གྱི་ཁྲོད་ན་ཉིན་ཉེ་སྒོ་ཁྲི་གཉིས་ཙམ་འགྲོ་སོང་གཏོང་དགོས་འདུག ། སྒོར་མོ་ཡོད་ཚད་ཟད་ཚར་ནས་དཀའ་ངལ་དང་སྡུག་བསྔལ་ཁྲོད་ནས་འདི་ལྟར་གནས་ཡོད་པས། བྱམས་དང་སྙིང་རྗེ་ཅན་གྱི་རིགས་གཅིག་སྤུན་སྲིང་རྣམ་པས་རྒྱ་མཚོའི་ཆུ་ཐིགས་ཚུལ་དུ་རྒྱབ་སྐྱོར་ཞིག་གནང་རོགས་ཞེས་སྙིང་ཁུང་རུས་པའི་གཏིང་ནས་འབོད་སྐུལ་ཞུ་བ་ཡིན། ཐུགས་རྗེ་ཆེ།རོགས་རམ་ཞུ་མཁན་ཁྱིམ་མི་རྡོ་རྗེ་བཟང་པོ།2026ལོའི་ཟླ་4ཚེས་12ཉིན།各位朋友、各位好友:大家好! 此刻我怀着万分悲痛、走投无路的心情,写下这封求助信,恳请各位亲朋好友能伸出援手,帮帮我,帮帮我濒临破碎的家。我叫多杰松保,家住青海省杂多县结多乡巴麻村四社,家中5个人目前3人病重病危;妈妈【仁曲】今年56岁,2026年4月6日突发脑出血生命垂危,我们紧急转到青海省人民医院做了开颅手术,目前妈妈还在青海省人民医院重症监护室抢救中,因脑出血现在还引起了多种致命的并发症,随时有生命危险,而且重症监护室1天就要1万多,费用很高。我的姑姑【昂旺巴毛】是尼姑,今年54岁,跟我们住在一起,因没有任何经济收入,半年前查出【癌症】一直在青海大学附属医院和四川华西医院(也就是二医院)化疗维持什么,癌症化疗费用巨大,全靠家里的一点积蓄。小爸【曲然】今年48岁,也患有【癌症】在医学上叫恶性黑色素瘤其实就是癌症晚期,现在癌细胞已经扩散了,只能长期在西宁二医院靠大量的自费药和特效药维持生命。家里前面所有积蓄都已在姑姑和小爸身上花光,在这基础上妈妈又突发高血压脑出血,在ICU费用太高,家庭就维持不了,只能向社会人员求助。恳请您救救我们这个苦难的家庭,救救我的家人,哪怕给我们捐一块钱都是我们的救命钱。万般无奈之下,我只能厚着脸皮向各位亲朋好友求助,哪怕是一点点帮助,对我而言都是救命的希望,都是支撑我坚持下去的力量。我知道大家生活都不易,但还是恳请大家能帮帮我,帮我一起渡过这个灭顶之灾,帮我留住我的母亲,留住我的家人。日后我定会铭记各位的恩情,竭尽全力回报大家的善意,哪怕砸锅卖铁,也会铭记这份帮扶之情。恳请大家伸出援助之手,万分感谢每一位朋友的帮助与善心!求助人:多杰松保2026年4月12日展开全文
https://www.shuidichou.com/cf/contribute/ee5b64cc-5d3e-452a-b0fb-49cea4251338